作词 : 洛桑达尔杰
作曲 : 曲桑美加
རིགས་བསམ་པ་དཀར་བའི་བོད་པ།།
心地纯朴的藏族们
ལུས་གྱོན་པ་གཞན་གོས་བདེ་རུང་།།
高档时尚的着装虽舒适
ཁྱོད་རིགས་རུས་བོད་ནས་ཡིན་པས།།
因你是藏族人
རང་བོད་ལྭ་གྱོན་རྒྱུ་མ་བརྗེད།།
请别忘记华丽藏装
ཡུལ་ས་མཐའ་འགྲིམ་པའི་སློབ་མ།།
远在他乡的求学者
ཤེས་རིག་རྩལ་གཞན་ཡིག་མཁས་རུང་།
擅长多种语言虽为妙
ཁྱོད་རིགས་རུས་བོད་ནས་ཡིན་པས།།
因你是藏族人
རང་བོད་ཡིག་སྦྱང་རྒྱུ་མ་བརྗེད།།
请别忘记学习母语
གནས་ས་མཐའ་འགྲིམ་པའི་སྤུན་ཟླ།།
游历他国的同胞们
ཟས་ཞིམ་པོ་གཞན་ཟས་ཡིན་རུང་།།
可口美味饮食虽甚多
ཁྱོད་རིགས་རུས་བོད་ནས་ཡིན་པས།།
因你是藏族人
རང་བོད་ཟས་ཟ་རྒྱུ་མ་བརྗེད།།
请别忘记佳肴藏餐