青梅竹马 - 西绕松布

获取下载链接
歌词

编曲 : 西绕松布

ཆུང་འདྲིས་བྱམས་པ།

ཆར་པ་ཟིལ་ཟིལ་འབབ་བྱུང་།།

ཉི་འོད་ལྷེབ་ལྷེབ་འཚེར་བྱུང་།།

ཆར་དང་ཉི་ཟེར་བར་ནས།།

ཆུང་འདྲིས་བྱམས་པ་དྲན་སོང་།།

རང་སེམས་སོང་བའི་ཆུང་འདྲིས།།

ཐེངས་གཅིག་མཇལ་རྒྱུ་བྱུང་ན།།

ཚེ་གཅིག་ལུས་གཅིག་འདི་ལ།།

དེ་ལས་ལྷག་པ་མི་འདུག།

ང་དང་ཆུང་འདྲིས་བྱམས་པའི།།

ཚིག་གསུམ་གཏམ་གྱི་རི་མོ།།

སྣག་དང་སྨྱུ་གུས་མ་བྲིས།།

སེམས་པའི་ངོས་ལ་བརྐོས་ཡོད།།

ཤོག་ཐོག་བྲིས་པའི་ཡི་གེ །

མེ་ལ་བསྲེག་ན་འཚིག་འགྲོ།།

ཆུང་འདྲིས་ངེད་གཉིས་བརྩེ་བ།།

སྲེག་ཀྱང་འཚིག་ས་མ་རེད།།