获取下载链接
歌词

ལས་སྐལ་དག་པའི་སྨོན་ལམ།

缘之净

ཚིག་རྩོམ་མཁན། གཡེ་རུས་རྐང་།

作词:叶热岗

དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།

作曲:三智才让

ལེན་མཁན། རིན་ཆེན་དོན་འགྲུབ།

演唱:仁青东智

༡

རི་ལ་དར་ལྕོག་བཙུགས་པའི་སྨོན་ལམ་གྱིས།།

祈愿山顶上的经帆

རི་རྩེར་ཉི་ཟླའི་འོད་ཀྱི་གསེར་བྱེ་ཐོར།།

山顶日月光芒金灿

དཀོན་མཆོག་སེམས་ན་བཞུགས་པའི་སྨོན་ལམ་གྱིས།།

祈愿三尊在心中

རང་རང་སེམས་ཀྱི་དཀའ་བ་རྒྱང་དུ་དོར།།

抛开各自的困扰

སྐྱེ་འཆིའི་འཇིགས་པ་སོ་སོར་ཡོད་ན་ཡང་།།

生死威胁各有各

རང་སེམས་དད་པའི་མེ་ལོང་མ་ཡལ་ན།།

心中不失祈祷

གཞོན་པའི་ན་ཚོད་ཡོལ་དུས་འུ་ཅག་ལ།།

趁年轻的我们

འདི་ཕྱིའི་སྨོན་ལམ་བཟང་པོས་ལམ་སྟོན་ཡོད།།

轮回的祝愿指引着路

༢

སྤང་ལ་མེ་ཏོག་བཞད་པའི་སྨོན་ལམ་གྱིས།།

祈愿草坪上的花朵

གཙང་བོར་འདང་བརྩེའི་མེ་ཏོག་འདབ་མ་ཐོར།།

河水洒满亲切的花瓣

བརྩེ་བ་སེམས་ན་ཡོད་པའི་སྨོན་ལམ་གྱིས།།

祈愿爱在心中

ཕན་ཚུན་དྲན་པའི་སྣང་བ་གཅིག་ཏུ་འདྲེས།།

相互相思相念

ལུས་ཀྱི་གྲིབ་མ་སོ་སོར་ཡོད་ན་ཡང་།།

身影各有各的

རང་རང་སེམས་ཀྱི་སྐྱིད་སྡུག་མཉམ་སོང་ན།།

各有各的同心

གཞོན་པའི་ན་ཚོད་ཡོལ་དུས་འུ་ཅག་ལ།།

趁年轻的我们

ལས་འཕྲོའི་འདང་བརྩེ་བརྒྱུས་པའི་འདབ་མ་འཁྲུངས།།

结缘情缘的花瓣

༣

མཁའ་ལ་སྤྲིན་པ་རྒྱུ་བའི་སྨོན་ལམ་གྱིས།།

祈愿天上的云朵飘扬

ས་ལ་སྦྲང་ཆར་བསིལ་མའི་དངོས་གྲུབ་ཐོར།།

地上下起吉祥雨

རི་ལ་འཇའ་གུར་ཕུབ་པའི་སྨོན་ལམ་གྱིས།།

祈愿山上搭起彩虹

དབུ་རྩེ་གསེར་གྱི་ཅོ་པན་རིགས་ལྔ་པྲོག།

头顶灿烂金椒五种冠

གཅིག་སེམས་གཅིག་གི་བུ་ལོན་མཐུག་ན་ཡང་།།

一心之债虽厚

རང་རང་འདྲིས་སའི་ཕ་ཡུལ་མ་བརྗེད་ན།།

请你勿忘故乡

གཞོན་པའི་ན་ཚོད་ཡོལ་དུས་འུ་ཅག་ལ།།

趁年轻的我们

རྒས་པའི་རྣམ་ཤེས་བཅོལ་སའི་གནས་ཚང་ཡོད།།

老人的灵魂寄托在你家