作词 : 岗杰土丹扎西
作曲 : 共科甲
སྤུན་ཟླ་ཉི་མ་འདྲ་བོ།
好兄弟
ཚིགགངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
作词:岗杰土丹扎西
དབྱངས་མགོན་ཁོ་སྐྱབས་
作曲:共科甲
ལེན་མཁན་ ཚེ་བརྟན་ཚེ་རིང་
演唱:次旦次仁
དཀའ་དུས་རྩེད་ཡ་དགོད་རོགས། །
སྡུག་དུས་དཔུང་བ་གཤིབ་རོགས། །
སྤུན་ཟླ་ཉི་མ་འདྲ་བོ། །
ཡ་ཆུང་དཀྱིལ་གྱི་དྲོད་ཡིན། །
སྐྱིད་དུས་གླུ་སྐད་མཉམ་རོགས། །
སྐྱོ་དུས་མཆི་མ་གཏོང་རོགས། །
སྤུན་ཟླ་ཉི་མ་འདྲ་བོ། །
མི་ཚེ་གཅིག་གི་གྲོགས་ཡིན། །
ཡོད་དུས་མཉམ་ཟ་བྱེད་རོགས། །
མེད་དུས་མཉམ་འཚོལ་བྱེད་རོགས། །
སྤུན་ཟླ་ཉི་མ་འདྲ་བོ། །
སྡེ་ལུང་གཅིག་གི་རྒྱན་ཡིན། །
འཛོམས་དུས་སེམས་གཏམ་བརྗོད་རོགས། །
བྲལ་དུས་དྲན་ཤིང་གླེང་རོགས། །
སྤུན་ཟླ་ཉི་མ་འདྲ་བོ། །
ལམ་ཆུང་རྡོག་པ་གཅིག་ཡིན། །
ཁྲོམ་ཆེན་གླུ་ཡིས་འགྲིམ་རོགས། །
སྡེ་ཆེན་ལུང་པ་བརྒྱུད་རོགས། །
སྤུན་ཟླ་ཉི་མ་འདྲ་བོ། །
ལས་ཀྱི་གཤོག་ཡ་ཡིན་སོང་། །