获取下载链接
歌词

作词 : 普布旦增

作曲 : 普布旦增

编曲 : 101 Studio-李老师

扎念:三格儿

二胡:卓玛

和声:益西次仁

录音:101 Studio-李老师

后期:101 Studio-李老师

སྔོན་མོ་གཡུ་ཡི་རྩྭ་ཐང་།

ཨ་སྔོན་གུང་དང་འདྲ་ལ་བྱུང་།

རྨི་ལམ་ནང་གི་ཨ་མས།

བདག་ལ་རྒྱང་ལྟ་གནང་ལ་བྱུང་།

བུ་ཆུང་ལམ་འགྲོ་ཡོང་བའི།

གསོལ་བ་སྨོན་ལམ་བཏབ་ལ་བྱུང་།

བུ་ཆུང་ཨ་མའི་འགྲམ་དུ།

གཤིབས་རྒྱུ་མེད་པའི་སྐྱོ་ལ་བྱུང་།

བུ་ཆུང་ཨ་མའི་འགྲམ་དུ།

གཤིབས་རྒྱུ་མེད་པའི་སྐྱོ་ལ་བྱུང་།

དཀར་གསལ་དུང་གི་ཟླ་བ།

ཤར་རིའི་རྩེ་ནས་འཛུམ་ལ་བྱུང་།

རྨི་ལམ་ནང་གྱི་ཨ་མས།

བདག་ལ་འཛུམ་ཞལ་འཕྲོས་ལ་བྱུང་།

ཨ་མ་ཐག་རིང་མ་ཕེབས།

བུ་ཆུང་འཁྲིས་སུ་བཞུགས་ལ་དང་།

ཨ་མས་བཀའ་དྲིན་གསོལ་བའི།

འདུན་པ་སྙིང་ནས་བཅངས་ལ་ཡོད།

ཨ་མས་བཀའ་དྲིན་གསོལ་བའི།

འདུན་པ་སྙིང་ནས་བཅངས་ལ་ཡོད།

ཨ་མས་བཀའ་དྲིན་གསོལ་བའི།

འདུན་པ་སྙིང་ནས་བཅངས་ལ་ཡོད།

ཧ་་་་་་