获取下载链接
歌词

作词 : 桑尕白

作曲 : 桑尕白

编曲 : 桑尕白

གངས་གན་གི་འདབས་ན་སྡེ་ཞིག་ཡོད།

སྡེ་ཙན་གི་དཀྱིལ་ན་ལྷས་ཤིག་ཡོད།།

ཆུང་ཨེ་ཟིའི་ལྟེེ་ཁྲག་གན་ན་ཕོས།།

ལས་འབྱུང་བཞིའི་ཆ་གཅིག་ཙན་ན་ཡོད།།

ས་གན་ན་ཕ་ས་སྨུག་པོ་ཟེར།།

ཨ་ལ་ཕ་ཡུལ།ཨ་ལ་ཕ་ཡུལ།།

ཆུ་གན་གི་འགྲམ་ན་གྲོང་ཞིག་ཡོད།།

གྲོང་གན་གི་དཀྱིལ་ན་གཞིས་ཤིག་ཡོད།།

ཆུང་ཨེ་ཟིའི་ལྟེ་ཁྲག་གན་ན་ཕོས།།

ལས་འབྱུང་བཞིའི་ཆ་གཅིག་གན་ན་ཡོད།།

ས་གན་ན་ཕ་ས་སྨུག་པོ་ཟེར།།

ཨ་ལ་ཕ་ཡུལ།ཨ་ལ་ཕ་ཡུལ།

བུ་ཁེར་འགྲོས་ས་མཐའ་འགྲིམ་གི་ཉིན།།

ཞེ་ཆགས་ཀི་ཕྱིར་མིག་གན་ན་ཤོར།།

ལས་སྐྱིད་རེས་སྡུག་རེས་གཉིས་ཀར་དྲན།།

ཆུང་བློ་ཁ་ཕམ་ཉིན་ལྷག་ཏུ་དྲན།།

ལུས་ལྡོམ་པོ་དབང་མེད་རླུང་ཁར་གཡེང་།།

སེམས་སྐྱ་མོའི་ཐག་སྣེ་གན་ན་ཐོགས།།

ལས་སྐྱིད་རེས་སྡུག་རེས་གཉིས་ཀར་དྲན།།

རྒས་སེམས་རྩ་གཉོམ་དུས་ལྷག་ཏུ་དྲན།།

ནམ་ཞིག་ཕྱིར་ལ་ལོག་པ་མི་ཤེས་ལ།།

ལོག་དང་མི་ལོག་དེ་ཡང་མི་ཤེས་མོད།།

ཕ་ཡུལ་ལུང་པ་ཁྱོད་སེམས་ཀྱི་དྲོད་ཅིག་རེད།།

ཨ་ལ་ཕ་ཡུལ།ཨ་ལ་ཕ་ཡུལ།

ནམ་ཞིག་ཕྱིར་ལ་ལོག་པ་མི་ཤེས་ལ།།

ལོག་དང་མི་ལོག་དེ་ཡང་མི་ཤེས་མོད།།

ཕ་ཡུལ་ལུང་པ་ཁྱོད་སེམས་ཀྱི་དྲོད་ཅིག་རེད།།

ཨ་ལ་ཕ་ཡུལ།ཨ་ལ་ཕ་ཡུལ།