获取下载链接
歌词

作词 : 万玛

作曲 : 万玛

编曲 : 万玛

ང་ཡི་ཕ་ཡུལ།

དྲི་ཞིམ་པོ་རྩི་ཤིང་བདུད་སྤོས།

གནམ་སྔོན་པོ་ཁ་དོག་དྭངས་ཤིང་།

བྱ་ཐང་དཀར་ཕྱོགས་རྩལ་མངོན་ས། །

ང་གངས་ཕྲུག་སྐྱེས་སའི་ཕ་ཡུལ། །

མཚོ་སྔོན་པོ་གཡུ་ཡི་མནྜལ། །

སྤང་སྔོ་ལྗང་མེ་ཏོག་མཛེས་ལྡན། །

རྟ་ནོར་ལུག་བང་རྩལ་འགྲན་ས། །

ང་འབྲོག་ཕྲུག་བསྡད་སའི་ཕ་ཡུལ། །

སོ་་་་་་་་། ཐང་དཀར་རྒོད་པོ་བྱ་རེད།

གནམ་འཕངས་གཅོད་དུས་ནམ་རེད། །

སྐྱོ་སེམས་རླུང་ལ་སྐུར་ནས་གནམ་མཁའི་གཡང་ལ་ནས་འཕུར་འགྲོ། །

༜༜༜༜༜༜༜༜༜༜༜༜༜༜༜

དྲི་ཞིམ་པོ་རྩི་ཤིང་རྒོད་པོ་གདུང་ན་མེ་ཏོག་མཛུམས་མདངས། །

ཕྱོགས་ཡོངས་ཀྱི་རྐང་དྲུག་འཁོར་ས། །

ས་སྐྱིད་པོ་ང་ཡི་ཕ་ཡུལ། །

བྱང་ཆུབ་མ་གསེར་མདོག་ལུག་པའི། །

ལོ་ཡག་གི་སྙེ་མ་ལྡེམ་ལྡེམ། །

ངའི་བུ་མོ་གླུ་དབྱངས་ལེན་ས། །

ས་འདི་ང་ཡི་ཕ་ཡུལ། །

སོ་་་་་་་་། ཞིང་ཆུ་མ་གསེར་མདོག་བཀླུབས་པའི། །

ལོ་ཡག་གི་སྙེ་མ་ལྡེམ་ལྡེམ། །

སྨན་བུ་མོ་གླུ་དབྱངས་ལེན་ས། །

ས་འདི་ང་ཡི་ཕ་ཡུལ། །

གནམ་སྔོན་པོ་ཁ་དོག་དྭངས་ཞིང་། །

ཁ་གངས་རི་ཤེལ་གྱིས་མཆོད་རྟེན། །

བྱ་ཐང་དཀར་ཕྱོགས་རྩལ་མངོན་ས། །

ང་གངས་ཕྲུག་གཅེས་སའི་ཕ་ཡུལ། །

མཚོ་སྔོན་པོ་གཡུ་ཡི་མེ་འགྲལ། །

སྤང་ལོ་གྱི་མེ་ཏོག་མཛེས་ལྡན། །

རྟ་ནོར་ལུག་བང་རྩལ་འགྲན་ས། །

ང་འབྲོག་ཕྲུག་བརྡ་སའི་ཕ་ཡུལ། །

སོ་་་་་་་་། ཐང་དཀར་རྒོད་པོ་བྱ་རེད།

གནམ་འཕངས་མཆོད་རྟེན་ནམ་རེད། །