获取下载链接
歌词

作词 : 德斯布

作曲 : 科旦

编曲:小鱼儿

ཆུ་ཚོད་ཀྱི་ཐག་སྒྲ་འདི་ནི།།

དུས་ཚོད་ཀྱི་ཉེན་བརྡ་ཡིན་ན།།

རིག་བཟང་གི་གཅེས་ཕྲུག་ལོ་ལོ།།

ཞོགས་ཉལ་གྱི་བདེ་བ་སྤངས་ནས།།

སློབ་གླིང་ལ་འགྲོ་རེས་ཟིན་འདུག།

གཅེས་ཕྲུག་ལོ་ལོ།། གཅེས་ཕྲུག་ལོ་ལོ།།

ཞོགས་ཉལ་གྱི་བདེ་བ་སྤངས་ནས།།

སློབ་གླིང་ལ་འགྲོ་རེས་ཟིན་འདུག།

ཉི་ཟླ་ཡི་འགྲུལ་བཞུད་འདི་ནི།།

དུས་ཚོད་གཡབ་མོ་ཡིན་ན།།

དེེང་རབས་ཀྱི་བུ་དང་བུ་མོ།།

རྒྱ་གྲོང་ལ་འཁྱམས་ཚོད་བཟུང་ནས།།

རིག་གཞུང་ལ་སྦྱང་རེས་ཟིན་འདུག།

བུ་དང་བུ་མོ།། བུ་དང་བུ་མོ།།

རྒྱ་གྲོང་ལ་འཁྱམས་ཚོད་བཟུང་ནས།།

རིག་གཞུང་ལ་སྦྱང་རེས་ཟིན་འདུག།

དབྱར་དགུན་གྱི་འགྲུར་ལྡོག་འདི་ནི།།

དུས་ཚོད་ཀྱི་མེ་ལོང་ཡིན་ན།།

བགྲེས་སོང་གི་ཕ་མ་ལོ་ལོ།།

ཕ་མདའ་ཡི་ཇུས་གཏོགས་གཡུག་ནས།།

དགེ་སྦྱོར་ལ་བརྩོན་རེས་ཟིན་འདུག།

ཕ་མ་ལོ་ལོ།། ཕ་མ་ལོ་ལོ།།

ཕ་མདའ་ཡི་ཇུས་གཏོགས་གཡུག་ནས།།

དགེ་སྦྱོར་ལ་བརྩོན་རེས་ཟིན་འདུག།